Tshe thar practices

According to Buddhist teachings, there are many benefits to saving lives of other sentient beings, the tshe thar (Tib. ཚེ་ཐར་) practice. In many schools, especially in the Nyingma tradition, practitioners collect money to buy out animals which had been bred for slaughter. Then, these animals are set free while prayers for liberation are being recited.

There are many different texts which can be used to perform tshe thar. On the 26th of September 2020, upon request of one of his disciples, Kyabje Tang Rinpoche was so kind to give teachings on how one can perform this ritual. To receive the lung, one should take Refuge, arouse Bodhicitta, and listen to the recording single-pointedly, imagining that the transmission flows into one’s heart.

Rinpoche also wrote his own composition and gave an oral transmission to it for all members of the Choethun group. Below, is the text composed by Kyabje Tang  Rinpoche.

༄༅།  ཚེ་དང་ཐར་བའི་སྲོག་སྦྱིན་པའི་ཆོ་ག་བསྡུས་པ་བཞུགས།
དེ་ལ་ཐོག་མར་སྐྱབས་སེམས་ནི།  སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།  བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།  བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།  འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག   ལན་གསུམ།  དེ་ནས་ལྷ་དང་བླ་མ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ་ཞིང་གསོལ་བ་འདེབས་པ་ནི།  ཧོ།  བླ་མ་རྩ་གསུམ་ལྷ་ཚོགས་དགོངས།།  ཉམ་ཐག་འགྲོ་བ་མགོན་མེད་འདི།།  སྲོག་གི་འཇིགས་པ་ལས་བསྐྱབས་ནས།།  ཐར་བའི་ལམ་ལ་འདྲེན་དུ་གསོལ།།  ལན་གསུམ་མཐར།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་དོར་ཅན་ལ་ཕྱག་འཚལ་ལོ།  མཆོད་དོ་སྐྱབས་སུ་མཆི་འོ།།  བཅོམ ཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།  མཆོད་དོ་སྐྱབས་སུ་མཆི་འོ།།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།  མཆོད་དོ་སྐྱབས་སུ་མཆི་འོ།།    བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།  མཆོད་དོ་སྐྱབས་སུ་མཆི་འོ།། ཞེས་སོགས་བརྗོད་པས་ཐུགས་རྒྱུད་བསྐུལ་ཏེ།  ལྷ་ཚོགས་གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན།།  དེ་ལས་འོད་ཟེར་བདུད་རྩིའི་རྒྱུན་བཅས་བྱུང་།  རང་གཞན་སེམས་ཅན་ཀུན་གྱི་ལུས་སེམས་ཁྱབ།།  སྡིག་ལྟུང་ཀུན་བྱང་སྟོང་ཉིད་རྟོགས་པར་གྱུར།།  ཅེས་པའི་དོན་ལྟར་དམིགས་ནས།  ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུཾ་ཧྲཱིཿ  ལན་གསུམ།  ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ  ལན་བདུན།  ཨོཾ་བཛྲ་གུ་རུ་ས་ཏྭ་ཧཱུཾ།  ལན་དགུ་སོགས་གསུང་བཞིན།  སེམས་ཅན་དེ་ལ་མི་གནོད་པའི་དམ་རྫས་མྱོང་གྲོལ་ལམ་ ཆུ་གཙང་ལ་གོང་གི་མཚན་སྔགས་བགྲང་བའི་བྱིན་ཕུ་བཏབ་པ་སོགས་ཁ་ལ་བླུགས་ཅིང་ལུས་ལ་ཡང་བྱེ་མ་རེག་གྲོལ་ཡོད་ན་ལྷན་ཅིག་ཏུ་གཏོར།  གཞན་ཡང་བདུག་སྤོས་ཚོར་གྲོལ་ཡོད་ན་བདུག་ལ།  བཏག་གྲོལ་དང་མཐོང་གྲོལ་གྱི་རིགས་ཡོད་ན་མིག་ལམ་དུ་བསྟན་ཞིང་སྟེང་དུ་གཡབ་པས་རླུང་གིས་བྱིན་ཕབ་པོ།  དེ་དག་མ་འཛོམ་ཀྱང་ཆད་ལྷག་མེད་ལ།  སྔགས་བཏབ་པའི་ཁྲུས་ཆུ་རྐྱང་པ་འཐོར་བླུད་བྱས་པས་ཀྱང་ཆོག་གོ  རྗེས་སུ་མེ་ཏོག་དང་མཆོད་འབྲུ་ཡོད་ན་མཆོད་བཞིན།  ཚེ་དང་ལྡན་པའི་ཚེ་ཐར་འདི།།  བླ་མ་དཀོན་མཆོག་ལྷ་ལ་འབུལ།།  རྟག་ཏུ་སྲུང་ཞིང་བྱིན་གྱིས་རློབས།།  དུས་མིན་འཆི་བའི་འཇིགས་ལས་སྐྱོབས།།  ཅེས་བརྗོད་ལ་བསྐྱབ་བྱ་སེམས་ཅན་དེ་རང་དབང་བདེ་སྐྱིད་ལྡན་པའི་གནས་སུ་བཏོང་ངོ་།  བསྔོ་སྨོན་ནི།  བདག་དང་སེམས་ཅན་ཐམས་ཅད་ཀུན།།  དུས་མིན་འཆི་བའི་སྐེག་ལས་ཐར།།  ཤིན་ཏུ་ཡུན་རིང་འཚོ་འགྱུར་ཞིང་།  བདེ་ལེགས་ཕུན་ཚོགས་ཐོབ་པར་ཤོག  དགེ་འདིས་མཁའ་མཉམ་འགྲོ་བ་ཀུན།།  སྐྱེ་འཆི་ལས་འདས་རྡོ་རྗེའི་སྐུ།།  མགོན་པོ་ཚེ་དཔག་མེད་པ་ཡི།།  གོ་འཕང་དམ་པ་ཐོབ་པར་ཤོག  ལུས་ལ་སྐུ་ཡིས་བཀྲ་ཤིས་ཤོག  ངག་ལ་གསུང་གིས་བཀྲ་ཤིས་ཤོག   ཡིད་ལ་ཐུགས་ཀྱིས་བཀྲ་ཤིས་ཤོག  སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག  ཅེས་སོགས་བརྗོད་པས་འཐུས་ལ།  སྤྲོ་ན་བཟང་སྤྱོད་སྨོན་ལམ་དང་ཞལ་ནས་གསུང་པའི་ཤིས་པ་བརྗོད་ཀྱང་ཕུན་སུམ་ཚོགས་པ་ཡིན་ནོ།

ཅེས་པ་འདི་ནི་ སློབ་བུ་འཇིགས་མེད་པདྨ་དབང་རྒྱལ་ནས་བསྐུལ་ངོར་དྷརྨ་ཏཱས་ལྕགས་བྱི་ཟླ་བརྒྱད་པའི་ཚེས་བཅུ་ལ་སྒྲིགས་ཏེ་ཕུལ་བ་དགེ་འོ

On the auspicious day, 29th of October 2020, Kyabje Tang Rinpoche asked his disciples to engage themselves in the practice of saving lives of sentient beings. There were about 2700 people how vowed to perform tshe thar. Some sent pictures of the livestock (e.g., goats, cows, hens, fish) saved from slaughter, and also pictures of worms or insects saved from being used as live bait for fishing or feeding domestic pets (lizards, snakes and spiders). On the 7th of November 2020, during the auspicious day of Lha bab Duchen, Rinpoche dedicated the merit of saving 1.380.030 beings, encouraged everyone to rejoice and continue the practice. This number has recently grown to over 2.400.000.