Kyabje Tang Rinpoche bestowed brief oral transmission of the Kama Terma Dagnang during the consecration ceremony of Buddha scriptures (KAMA) at the Inner Science Education Research Library, Paro College of Education, Bhutan.
7/1/2023 ཉིམ་འདི་ལུ། འབྲུག་རྒྱལ་འཛིན་ཆེས་མཐོའི་གཙུག་ལག་སློབ་གྲའི་དཔེ་མཛོད་ནང་བཞུགས་སུ་གསོལ་བའི་རྙིང་མ་བཀའ་མའི་དཔེ་ཆ་ལུ་རབ་གནས་མཛད་པ་དང་འབྲེལ། རྒྱལ་གཞུང་ཆེས་མཐོའི་མཁས་དབང་ཞིབ་འཇུག་པའི་སྡེ་ཚན་ཞིག་གིས་གསོལ་བ་བཏབ་པ་བཞིན། རྒྱལ་ཁབ་རིག་གནས་སྣ་མང་ཅན་དང་། རིག་པ་གསར་རྙིང་གི་རྣམ་གཞག་མེད་པ་གསར་བསྒྲུབ་དང་། ཡོད་པ་འཐུས་ཚང་ཞིང་གོང་འཕེལ་ལུ་གཏོང་དགོས་པ་དེ་གལ་ཆེ་ཚུལ་དང་། ང་བཅས་འགྲོ་བ་མིའི་སྤྱི་ཚོགས་ནང་། མི་ངོམ་རེ་རེ་བཞིན་རང་ལུ་གསོ་སྐྱོང་འབད་དགོཔ་གཉིས་ཡོད། ཤེས་ག? 1 རང་དང་གཞན་གི་ལུས་ལུ་དམིགས་འདུན་སྐྱེད་དེ་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་གཏང་སྟེ་བདེ་ཐང་འོང་ཐབས་ལུ་འབད་དགོས་མ་ཚད། 2 རང་དང་གཞན་གི་སེམས་ཁམས་ཏེ་ཡང་སྐྱིད་ཏོང་ཏོ་སྦེ་གཞག་ཐབས་ལུ་ནང་ཆོས་གཙོ་བོར་གྱུར་པའི་ནང་ཤེས་རིག་གི་དཔལ་ཡོན་དེ་ཡང་གོང་འཕེལ་གཏང་དགོཔ་ཤིན་ཏུ་ནས་ཀྱང་གལ་ཆེ་ཚུལ་གསུངས་གནང་ཡི། དེ་དང་ཅིག་ཁར་གསང་སྔགས་རྙིང་མ་དང་གསར་མའི་ཁྱད་པར། རྙིང་མ་ལུ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པའི་བབ་སོ་ཆེན་པོ་གསུམ་ཚུལ་ལས་འཕྲོས་ཏེ་གལ་ཆེ་བའི་བཀའ་སློབ་ལམ་སྟོན་གནང་ཡི།