Local leader visiting Chodaypung

Following the resolution passed during the 13th Dratshang meeting in 2019, the Chumey Choedaypung Dratshang was privileged to host numerous meetings over the years with distinguished public figures. Ani Khandro Tshedum Lhamo was the first guest of honor who in 2020 shared knowledge and valuable instructions to the members of the monastery. Since then, the Dratshang community have been honored to receive teachings from various respected Lamas and Lopens.

To uphold this significant tradition, we are thankful to Dasho Thrizin of the Bumthang local government for kindly accepting our invitation and visiting our monastery on 3rd February, 2022. During the the visit, Dasho gave valuable pieces of advice based on his life experiences and knowledge. He talked about the relevance and significance of Choe-sid ngyiden system (Dual system: Religion & Politics) to the Constitution of Bhutan. He also shared the vision of His Majesty the 4th King and discussed the four pillars of Gross National Happiness concept. Furthermore, Dasho stressed that though being a religious body, we should keep in mind the aspiration of His Majesty the King to strive for self sufficiency and being independent. Dasho also emphasized that all monks should follow religious principles, obey their teachers and lamas, and make their parents proud. He stressed how important it is for monks to develop themselves into individuals who can benefit and serve their lama and Dratshang.

The visit and the session of Dasho Thrizin was fruitful and enriching for all members of the monastery. Therefore, Kyabje Tang Rinpoche and the community of Chumey Choedaypung Dratshang would like to thank Dasho wholeheartedly for taking time out of his busy schedule and visiting us. We remain grateful for his kind gesture.

༈ ང་བཅས་བུམ་ཐང་ཆུ་སྨད་ཆོས་སྡེ་སྤུངས་གྲྭ་ཚང་གི་ཁ་ཐུག་ལས། ཉིས་སྟོང་བཅུ་དགུ་ལོ་ གྲྭ་ཚང་ཞལ་འཛོམས་ཐེངས་ བཅུ་གསུམ་པའི་སྐབས་ལུ་གྲོས་མཐུན་འབྱུང་བ་ནང་བཞིན། ཉིས་སྟོང་ཉི་ཤུ་ལོ་ དགོན་སྡེ་གྲྭ་ཚང་སྤྱི་ལུ་ ཨ་ནི་མཁའ་འགྲོ་ཚེ་བྷྲཱུཾ་ལྷ་མོས་བཀའ་སློབ་བཟང་པོ་གནང་ཡོདཔ་མ་ཚད། དེ་ལས་མགོ་བཙུགས་ཏེ་སྐབས་དང་སྐབས་སུ་བླཾ་སློབ་དཔོན་དེ་ཚུ་རེས་མོས་འབད་དེ་མི་ངོམ་རང་སོས་མཁྱེན་རིག་དང་འཁྲིས་ཏེ་བཀའ་སློབ་ལམ་སྟོན་གནང་དང་གནང་བཞིན་པ་ཡིན་པའི་ཐོག ༈ ད་རིང་རང་ལུགས་གནམ་ལོ་ཆུ་སྟག་ཟླ་བ་༢ པ་གི་ཚེས་ ༣ ཕྱི་རྩིས་ 3/2/2022 ཉིན། ས་གནས་གཞུང་གི་དྲག་ཤོས་ཁྲི་འཛིན་མཆོག་ལུ་གསོལ་བ་བཏབས་པ་བཞིན་དུ། དྲག་ཤོས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས། ཁོང་རང་གི་མི་ཚེའི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ། ཆོས་སྲིད་ཟུང་འབྲེལ་དང་། བཀའ་རྙིང་ཟུང་འབྲེལ་གྱི་དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་ལུ་གཞི་བཟུང་ནས། ༧ མི་དབང་འབྲུག་རྒྱལ་བཞི་པའི་དགོངས་གཏེར་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞི་ངོ་སྤྲོད་དང་། གཞན་ཡང་ང་བཅས་དགོན་སྡེ་གྲྭ་ཚང་ཆོས་ཚོགས་ཚུ་གིས། ཆོས་དང་འཇིག་རྟེན། ཤེས་རིག་གསར་རྙིང་གང་གི་སྐོར་ལས་ཡིན་རུང་རང་མགོ་རང་འདྲོང་ཡོང་ནི་ལུ་བརྩོན་ཤུགས་བསྐྱེད་དགོསཔ་འདི་ནི ༧ མི་དབང་མངའ་བདག་རིན་པོ་ཆེ་གི་དགོངས་བཞེད་ངོ་མ་ཡིན་པ་ཤེས་ནི་དེ་ཡང་གལ་ཆེ་ཚུལ་དང་། ཆོས་སྡེ་བཅས་ཁྲིམས་ནང་བཞིན་དགེ་སློང་ཆེ་ཆུང་ག་ཨིན་རུང་བླཾ་གྲྭ་ཚང་གི་སྒྲིག་དང་འཁྲིས་ཏེ་རང་སོས་ཕ་མ་ཡི་རིང་ནི་ཅིག་དང་། མི་ཚེ་ལུ་བླ་མ་དང་འགལ་བའི་ཉམས་ཆགས་མེདཔ་མ་ཚད། གལ་ཏེ་ལས་མཐའ་ལོག་སོང་རུང་རང་གི་བླཾ་གྲྭ་ཚང་ལུ་ཕྱག་ཕྱི་ཞུ་ཚུགསཔ་ཅིག་འབད་ནི་དེ་ཡང་གལ་ཆེ་ཏོག་དོ་ཡིན་པའི་སྐོར་ལས་གསུངས་ཡི།