Offering longevity prayers for the Dragon Queen

Today, Kyabje Rinpoche and his monks are offering longevity prayers for the Dragon Queen of Bhutan, Jetsun Pema, on her 31st birthday.

༄༅། དབྱིན་ལུགས་གཅིག་སྟོང་དགུ་བརྒྱ་དགུ་བཅུའི་ལོའི།། ཕྱི་ཟླ་དྲུག་པའི་ཚེས་བཞི་དཔལ་གྱི་ཉིན།། རྒྱལ་ཀུན་ཕྲིན་ལས་མྱུར་མ་དཔའ་མོའི་གར།། ལྷ་ལྕམ་རྗེ་བཙུན་པདྨ་རྒྱལ་མོ་འཁྲུངས།། དཔལ་ལྡན་བུམ་བཟང་ས་ཡི་ཐིག་ལེའི་བཅུད།། བསོད་ནམས་ཆོས་འབྱོར་བདེ་སྐྱིད་ལྡན་པ་རུ།། དོན་ཀུན་གྲུབ་པའི་རྒྱལ་མཚན་གྱིས་བོས་པའི།། དབང་ཕྱུག་ལྷ་བཙུན་འཕགས་མ་ཁྱོད་འདིར་བལྟམ།། ཁྱེད་ནི་ཞིང་འདིའི་སྤྱི་དཔལ་དམ་པའི་གྲོགས།། ཁྱེད་ནི་ལྷོ་ལྗོངས་ཡངས་པའི་མཛེས་རྒྱན་མཆོག ཁྱེད་ནི་མ་འོངས་ལྟོས་འབངས་སྐྱོང་པའི་ཡུམ།། ཁྱེད་ནི་བདག་སོགས་སྐྱེ་རྒུའི་སྙིང་དང་མིག ཅེས་༧ མི་དབང་རྒྱལ་བཙུན་ཨ་ཞེ་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་འཁྲུངས་སྐར་ལ། སྟང་རིན་པོ་ཆེར་འབོད་པས་ཚོར་སྣང་བསླད་མེད་མ་བཅོས་པར་བྲིས་ཏེ་ཕུལ་བ་དགེ་བར་གྱུར་ཅིག