On the birthday of HRH King of Bhutan, Kyabje Tang Rinpoche together with his family and all residents of the Chodeypung Monastery, are sending good wishes. On this occasion, Rinpoche composed a prayer for prosperity and good fortune:
༆ དཔལ་ལྡན་སངས་རྒྱས་གཉིས་པས་བྱིན་བརླབས་ཤིང་།
འབྲུག་པ་བདུད་འཇོམས་རྡོ་རྗེས་གཡང་ཕབ་པའི།།
ཕྱོགས་ལས་རྣམ་རྒྱལ་དབང་ཕྱུག་འཁོར་ལོས་སྒྱུར།།
མི་དབང་ས་ཡི་ཚངས་ཆེན་འཁྲུངས་སྐར་བསུ།།
འཇིགས་མེད་སྟོབས་བཅུ་མངའ་བའི་ཕྲིན་ལས་གར།།
གེ་སར་ནོར་བུ་དགྲ་འདུལ་ཐུགས་རྗེའི་རྩལ།།
རྣམ་རྒྱལ་བཀྲ་ཤིས་སྲིད་པ་གསུམ་གྱི་རྒྱན།།
དབང་ཕྱུག་ལྷ་བརྒྱུད་ལྔ་པ་རྒྱལ་གྱུར་ཅིག
21/2/2021 ལྕགས་གླང་ཆོ་འཕྲུལ་ཟླ་བའི་ཚེས་ ༩ ཉིན། བུམ་ཐང་ཆུ་སྨད་ཆོས་སྡེ་སྤུངས་དགོན་པས་ ༧ མི་དབང་མངའ་བདག་རིན་པོ་ཆེའི་འཁྲུངས་སྐར་བརྩི་་སྐབས། གུས་འབངས་སྟང་རིན་པོ་ཆེར་འབོད་པས་བྲིས་ཤིང་སྨོན་པའོ།།